22 Dec 2016
32 sec
Audio Overview
Creators:
Gangsol Folk Culture Preservation Project
- ངས་ཨ་སྔོན་དགོང་ང་གླུ་ཞིག་བླངས།།
- ངས་སྨིན་དྲུག་ཐར་སེ་བཏང་།།
- དེའི་སྐར་ཚོགས་ཁྲ་མོ་བགད་ཙིག་ཤོར།།
- བགད་མི་དགོས་དེ་མོ་རང་བཞིན་རེད།།
- ངས་སྡེ་ཆེན་དཀྱིལ་གི་གླུ་ཞིག་བླངས།།
- ངས་སྡེ་ཆེན་གླུ་བ་སྡུག་སེ་བཞག།
- དེའི་ཟུར་གི་སྡེ་བ་བགད་ཙིག་ཤོར།
- བགད་མི་དགོས་དེ་མོ་རང་བཞིན་རེད།།
- ངས་ཆུ་ཆེན་དཀྱིལ་ཡ་མདའ་ཟིག་འཕང་།།
- ངས་ལྕུང་མོ་ཐར་སེ་བཞག།
- དེའི་ཟུར་གི་ཉ་སྲམ་བགད་ཙིག་ཤོར།།
- བགད་མི་དགོས་དེ་མོ་རང་བཞིན་རེད།།