21 Dec 2016
26 sec
Audio Overview
Creators:
Gangsol Folk Culture Preservation Project
- ངས་ཨ་སྔོན་དགུང་ལ་མདའ་ཟིག་འཕང་།།
- དེས་སྙི་སྨིན་དྲུག་ཁྲ་མོ་ཐར་སེ་བཏང་།།
- དེའི་ཟུར་གི་སྐར་བརྒྱ་བགད་ཟིག་ཤོར།།
- བགད་མི་དགོས་དེས་མོའི་རང་བཞིན་ཡིན།།
- ངས་སྡེ་ཆེན་དཀྱིས་ཡ་གླུ་ཟིག་བླངས།།
- ངས་སྡེ་ཆུང་སྡེ་བ་སྡིག་སས་བཞག།
- དེའི་ཟུར་གི་སྡེ་བ་བགད་ཟིག་ཤོར།།
- བགད་མི་དགོས་དེས་མོའི་རང་བཞིན་ཡིན།།
- ངས་ཆུ་ཆེན་དཀྱིས་ཡ་རྡོ་ཟིག་འཕང་།།
- ངས་ཆུ་ཆེན་ལྕོང་མོ་ཐར་སེ་བཏང་།།
- དེའི་ཟུར་གི་ཉ་ཧྲམ་བགད་ཟིག་ཤོར།།
- བགད་མི་དགོས་དེས་མོའི་རང་བཞིན་ཡིན།།