21 Dec 2016
33 sec
Audio Overview
Creators:
Gangsol Folk Culture Preservation Project
- ངའི་མཛུབ་མགོའི་འགུ་ཡ་གསེར་ཁྲ་མ།།
- གསེར་ལན་ཚ་བདུན་གི་བརྡུངས་ནི་ཡིན།།
- རོགས་ཁྱེད་ཀྱིས་གོན་སྔ་མ་བྱེད་ད།།
- ཡ་ཡུན་གྱིས་འགྲོགས་ན་ངེད་གཉིས་ཡིན།།
- ངའི་སྒོ་ཁའི་གྱི་ལང་ཁ་དཀར་འདི།།
- རྟ་ཅང་ཤེས་བདུན་གི་འགོ་མ་ཡིན།།
- རོགས་ཁྱེད་ཀྱིས་ཞོན་སྔ་མ་བྱེད་ད།།
- ཡ་ཡུན་གྱིས་འདྲོགས་ན་ངེད་གཉིས་ཡིན།།
- ངའི་རྒྱབ་ཀི་གོས་ཆེན་གོས་ལྭ་འདི།།
- གོས་ལན་ཚ་བདུན་གི་བཟོས་ནི་ཡིན།།
- རོགས་ཁྱེད་ཀྱིས་གོན་སྔ་མ་བྱེད་ད།།
- ཡ་ཡུན་གྱིས་འགྲོགས་ན་ངེད་གཉིས་ཡིན།།