22 Dec 2016
37 sec
Audio Overview
Creators:
Gangsol Folk Culture Preservation Project
- ངའི་མ་ལོ་འབྲི་བརྒྱའི་བདག་པོ་རེད།།
- གཡང་བེས་ལུ་གཉིས་ཀ་མགོ་འཛོམས་རེད།།
- གཡང་མར་ཆུར་གཉིས་ཀའི་དོ་ཟིག་བརྩིགས།།
- ངའི་མ་ལོའི་སེམས་རྩ་སྐྱིད་ད་འཁོར།།
- གཡང་འདི་གསུམ་འཛོམས་པའི་གླུ་ཟིག་ལོངས།།
- ངའི་ཕ་ལོ་རྟ་བརྒྱའི་བདག་པོ་རེད།།
- གཡང་རྟ་བརྒྱ་རྟེའུ་མགོ་འཛོམས་རེད།།
- གཡང་སྒ་སྲབ་གཉིས་ཀའི་དོ་ཟིག་བརྩིགས།།
- ངའི་ཕ་ལོའི་སེམས་རྩ་སྐྱིད་ད་འཁོར།།
- གཡང་འདི་གསུམ་འཛོམས་པའི་གླུ་ཟིག་ལོངས།།
- ངའི་མིང་ཞིས་ལུག་བརྒྱའི་བདག་པོ་རེད།།
- གཡང་ལུག་བརྒྱ་ལུ་གུ་མགོ་འཛོམས་རེད།།
- གཡང་བལ་བྱང་གཉིས་ཀའི་དོ་ཟིག་བརྩིགས།།
- ངའི་མིང་ཞིས་སེམས་རྩ་སྐྱིད་ད་འཁོར།།
- གཡང་འདི་གསུམ་འཛོམས་པའི་གླུ་ཟིག་ལོངས།།