21 Dec 2016
35 sec
Audio Overview
Creators:
Gangsol Folk Culture Preservation Project
- ངའི་ཆུང་འདྲིས་རོགས་ལོའི་ལག་ན།།
- ངའི་ཤེལ་དཀར་ཕྲེང་བ་ལུས་(ལྷག་)ཡོད།།
- ངས་ལུས་ཡས་(ལྷག་ནས་)བརྗེད་ནི་མིན་ཏེ།།
- ང་ད་རུང་རོགས་འ་རྩེ་དགོས།།
- ངའི་འདོ་ཆུང་ཐོར་ལོའི་མགོ་ན།།
- ངའི་གསེར་སྲབ་སིལ་མ་ལུས་(ལྷག་)ཡོད།།
- ངས་ལུས་ཡས་(ལྷག་ནས་)བརྗེད་ནི་མིན་ཏེ།།
- ང་ད་རུང་ཐོར་ལོར་རྒྱུག་དགོས།།
- ངའི་ལ་ཁའི་ལབ་ཙེའི་མགོ་ན།།
- ངས་རས་དཀར་རླུང་རྟ་ལུས་(ལྷག་)ཡོད།།
- ངས་ལུས་ཡས་(ལྷག་ནས་)བརྗེད་ནི་མིན་ཏེ།།
- ངས་ད་རུང་ལབ་ཙེ་བསྟོད་དགོས།།