05 Jan 2017
1 min 11 sec
Audio Overview
Creators:
Gangsol Folk Culture Preservation Project
- ངན་པ་ཡར་སར་ཐོན་ན། ར་ར་རིལ་རིལ་བཅོ་བརྒྱད།
- ཨ་ཚའི་ཁས་ཐར་ན། ཤནའི་ཁས་མི་ཐར།
- ལྷ་རང་མགོ་མི་ཐོན་པར་འདྲེ་ཤ་ཐག
- མེ་ཕར་ལ་བུས་སས་ཁ་སྤུ་ཚུར་ལ་བསྲེགས།
- ཁ་རྗེ་ལ་བུ་ཡོད་ཀྱང༌། དབང་ཐང་ལ་ནུ་མ་མེད།
- ལྕེ་ལོ་མས་བཤད་སྔ། རྭ་ལོ་མས་རྡུང་སྔ།
- རང་མགོ་ནས་ཞྭ་ཕུད། མི་མགོར་ཞྭ་སྐོན།
- རྫི་ངན་གོམ་ཐག་ཇེ་རིང༌།
- ཟ་བྱེད་སྟག་མོའི་ཡ་མཆེ་ཡོད་ཀྱང་། ཞུ་བྱེད་གོ་བོའི་མུད་པ་མེད།
- བུང་མ་ཐིག་ལེ་ཅན་ལ་སྟག་མི་ཟེར། འབུ་ནག་རྭ་ཅོ་ཅན་ལ་འབྲོང་མི་ཟེར།
- གོ་ན་ཡོད་དུས་གནས་དགའ་མ། གནས་ལ་ཐོན་དུས་གོ་དགའ་མ།
- ཞོག་ནི་མ་རེད་ཞུད་ནི་རེད། ཐེབས་ནི་མ་རེད་ཐེད་ནི་རེད།
- ཚིག་རྒམ་རྒུམ་བཏུས་པས་གྱོད་མི་ཐུབ། ཤིང་རྣ་ལོ་བཏུས་པས་ཇ་མི་ཁོལ།
- འདོན་རན་དུས་བླ་ལོའི་གསུང་སྐད་འདར། རྒྱུགས་རན་དུས་ཤ་ཁྱིའི་སྒྱིད་པ་ཞ།
- ཤག་པོ་མནའ་དང་ལྷན་ཟ། ཚེར་ཐོག་འབུ་དང་ལྷན་རྒུམ།
- ཁ་ཞ་ཞ། ཉ་ཀུམ་ཀུམ།
- མི་ངན་ཁ་འི་གཏམ་ངན། ལྷམ་ངན་ནང་གི་དྲི་ངན།