26 Dec 2016
31 sec
Audio Overview
Creators:
Gangsol Folk Culture Preservation Project
- ང་ཡོད་ས་གསེར་ཆུའི་ཕ་རོལ་རེད།།
- ཁྱོད་ཡོད་ས་གསེར་ཆུའི་ཚུ་རི་རེད།།
- འགྲོགས་མཛའ་མཐུན་གསེར་སྐུད་བསྒྲིས་མ་རེད།།
- ཆོས་བསོད་ནམས་གསེར་མཚོ་ཡར་འཁྱིལ་རེད།།
- ང་ཡོད་ས་དངུལ་ཆུའི་ཕ་རོལ་རེད།།
- ཁྱོད་ཡོད་ས་དངུལ་ཆུའི་ཚུ་རི་རེད།།
- འགྲོགས་མཛའ་མཐུན་དངུལ་སྐུད་བསྒྲིས་མ་རེད།།
- ཆོས་བསོད་ནམས་དངུལ་མཚོ་ཡར་འཁྱིལ་རེད།།
- ང་ཡོད་ས་དུང་་ཆུའི་ཕ་རོལ་རེད།།
- ཁྱོད་ཡོད་ས་དུང་ཆུའི་ཚུ་རི་རེད།།
- འགྲོགས་མཛའ་མཐུན་དུང་སྐུད་བསྒྲིས་མ་རེད།།
- ཆོས་བསོད་ནམས་དུང་མཚོ་ཡར་འཁྱིལ་རེད།།