21 Dec 2016
1 min 3 sec
- ང་ཡར་སོང་རྒྱ་གར་ཡུལ་ལ་སོང་།།
- སྟོད་རྒྱ་གར་རྒྱལ་བོས་གླུ་ལོངས་ཟེར།།
- གླུ་མི་ལེན་ཞུ་བ་ཐེངས་གསུམ་བྱས།།
- གླུ་ལོངས་དང་སྨུག་ཆུང་དྲེལ་བྱིན་ཟེར།།
- སྐད་ཁྱོགས་དང་དྲེལ་ཐོག་སྒ་འཇོག་ཟེར།།
- ངག་ཁུགས་དང་སྒ་ཐོག་ཆོས་འཇོག་ཟེར།།
- ཆོས་ཀུན་རིག་བསྟན་པ་བོད་ལ་དར།།
- བོད་ཆོས་བསོད་ཆེ་དོན་དེ་ནས་རེད།།
- ང་ཕར་སོང་སོག་པོའི་ཡུལ་ལ་སོང་།།
- སོག་ཧོ་ལོ་རྒྱལ་པོས་གླུ་ལོངས་ཟེར།།
- གླུ་མི་ལེན་ཞུ་བ་ཐེངས་གསུམ་བྱས།།
- གླུ་ལོངས་དང་མདོ་ཆུང་རྟ་བྱིན་ཟེར།།
- སྐད་ཁྱོགས་དང་རྟ་ཐོག་སྒ་འཇོག་ཟེར།།
- ངག་ཁུགས་དང་སྒ་ཐོག་ཕྲུགས་ཤད་ཟེར།།
- སོག་གོས་ཕྲུགས་བསྟན་པ་བོད་ད་དར།།
- བོད་ཕྲུགས་བསོད་ཆེ་དོན་དེ་ནས་རེད།།
- ང་མར་སོང་རྒྱ་ནག་ཡུལ་ལ་སོང་།།
- སྨད་རྒྱ་ནག་རྒྱལ་པོས་གླུ་ལོངས་ཟེར།།
- གླུ་མི་ལེན་ཞུ་བ་ཐེངས་གསུམ་བྱས།།
- གླུ་ལོངས་དང་ཁྱུང་དཀར་མཛོ་བྱིན་ཟེར།།
- སྐད་ཁྱོགས་དང་མཛོ་ཐོག་སྒ་འཇོག་ཟེར།།
- ངག་ཁུགས་དང་སྒ་ཐོག་ཇ་འཇོག་ཟེར།།
- ཇ་འགུ་ཟིའི་བསྟན་པ་བོད་ད་དར།།
- བོད་ཇ་བསོད་ཆེ་དོན་དེ་ནས་རེད།།