21 Dec 2016
59 sec
Audio Overview
Creators:
Gangsol Folk Culture Preservation Project
- ང་ད་ནངས་ཡར་ར་འགྲོ་དུས་བོ།།
- ཤིང་ཤུག་ལོ་གཉིས་འི་མགོ་ན་བོ།།
- བྱ་ཁུ་ལོ་གཉིས་འི་རིག་གྱ་ད།།
- སྐད་སྙན་མོ་གཉིས་མོ་འི་འགྲིག་གྱ་བོ།།
- ང་དོ་གདོང་མར་ར་ཡོང་དུས།།
- བྱ་ཁུ་ལོ་གནའ་སོང་ད་སོང་རེད།།
- ཐང་ཆེན་པོ་མ་སོང་རང་ཡུལ་རེད།།
- ཞེ་རྨངས་ན་དེ་དུས་རྨངས་ཀི་འོ།།
- ང་ད་ནངས་ཡར་ར་འགྲོ་དུས་བོ།།
- སྡེ་ཆེ་བོ་གཉིས་འི་གཡས་ཟུར་ན།།
- སྨན་ཞི་མོ་གཉིས་འི་རིག་གྱ་ད།།
- མགོའི་གཡུ་བྱུར་གཉིས་འི་འགྲིག་གྱ་བོ།།
- ང་དོ་གདོང་མར་ར་ཡོང་དུས།།
- སྨན་ཞི་མོ་གནའ་སོང་ད་སོང་རེད།།
- ཐང་ཆེན་པོ་མ་སོང་རང་ཡུལ་རེད།།
- ཞེ་རྨངས་ན་དེ་དུས་རྨངས་ཀི་འོ།།
- ང་ད་ནངས་ཡར་ར་འགྲོ་དུས་བོ།།
- ཐང་ཆེ་བོ་གཉིས་འི་གཡས་ཟུར་ན།།
- རྟ་འདོ་ལོ་གཉིས་འི་སྦྲོས་གྱ་ད།།
- མགོའི་རྣ་མཆོག་གཉིས་འི་འགྲིག་གྱ་བོ།།
- ང་དོ་གདོང་མར་ར་ཡོང་དུས།།
- རྟ་འདོ་ལོ་གནའ་སོང་ད་སོང་།།
- ཐང་ཆེན་པོ་མ་སོང་རང་ཡུལ་རེད།།
- ཞེ་རྨངས་ན་དེ་དུས་རྨངས་ཀི་འོ།།