19 Dec 2016
47 sec
- ང་ཁྲི་ཐོག་བླ་མས་ཟེར་རྒྱུ་བོ།།
- རོགས་ཁྱོད་གཉིས་མཛའ་མཐུན་བཤིག་དགོས་ཟེར།།
- ཅི་འདྲ་འདྲའི་བླ་ལོ་འབྱུང་མེད་ཙིག(ཅིག)
- ཁྱོའི་སྔུན་གི་བུམ་པ་ཆ་གཉིས་འདིར།།
- ཆ་རྭ་ཡ་མེད་ན་ཆུ་མོ་རེད།།
- རོགས་འུ་ཉིས་མཛའ་མཐུན་དེ་མོ་རེད།།
- ང་གོང་བཞུགས་དཔོན་ལོས་ཟེར་རྒྱུ་བོ།།
- རོགས་ཁྱོད་གཉིས་མཛའ་མཐུན་བཤིག་དགོས་ཟེར།།
- ཅི་འདྲ་འདྲའི་དཔོན་ལོ་འབྱུང་མེད་ཙིག(ཅིག)།
- ཁྱོའི་རྒྱབ་ཀི་ཁྱ་རིང་རྭ་ཉིས་འདིར།།
- རྭ་རྭ་ཡ་མེད་ན་ཆུ་མོ་རེད།།
- རོགས་འུ་ཉིས་མཛའ་མཐུན་དེ་མོ་རེད།།
- ང་དྲིན་ཆེན་མ་ལོས་ཟེར་རྒྱུ་བོ།།
- རོགས་ཁྱོད་གཉིས་མཛའ་མཐུན་བཤིག་དགོས་ཟེར།།
- ཅི་འདྲ་འདྲའི་མ་ལོ་འབྱུང་མེད་ཙིག(ཅིག)།
- ཁྱོའི་རྣ་འི་རྣ་ལོང་ཆ་འགྲིག་ག
- ཆ་རྭ་ཡ་མེད་ན་ཅི་མོ་རེད།།
- རོགས་འུ་ཉིས་མཛའ་མཐུན་དེ་མོ་རེད།།