21 Dec 2016
33 sec
Audio Overview
Creators:
Gangsol Folk Culture Preservation Project
- ང་ཁྲ་ཡག་རྫ་ན་ཡོད་དུས་ན།།
- ངའི་མིང་ལ་བྲེ་སེར་འབྲོང་མོ་ཟེར།།
- ང་རྒས་ཡས་རྫ་མཐའ་འགྲིམ་ཉིན་མོ།།
- ངའི་མིང་ལ་བྲེ་ཀོ་ནུས་ར་ཟེར།།
- ང་དགའ་ལྡན་ནག་ན་ཡོད་དུས་ན།།
- ངའི་མིང་ལ་རྒྱ་སྟག་ངར་མ་ཟེར།།
- ང་རྒས་ཡས་ནགས་མཐའ་འགྲིམ་ཉིན་མོ།།
- འི་མིང་ལ་ཁྲ་ཞོལ་གླང་རྔ་ཟེར།།
- ང་སྡེ་ཆེན་དཀྱིལ་ན་ཡོད་དུས་ན།།
- ངའི་མིང་ལ་ཕ་ཁུའི་བུ་ཚ་ཟེར།།
- རྒྱུ་མེད་དེ་སྡེ་མཐའ་འགྲིམ་ཉིན་མོ།།
- ངའི་མིང་ལ་ཁྲམ་པ་གཡག་རྐུན་ཟེར།།