05 Jan 2017
53 sec
Audio Overview
Creators:
Gangsol Folk Culture Preservation Project
- སྐྱོན་དང་ནོར་འཁྲུལ།
- གནོང་ཅན་དེ་ཁྲོ། རྒྱབ་བཅད་དེ་འཕག
- ཤཱཀྱ་ཐུབ་པར་ཆོས་ཀྱི་འབྱུང་ཁུངས། ཐུགས་རྗེ་ཆེན་པོར་མ་ཎིའི་ལུང་འདྲེན།
- བུ་མ་སྐྱེས་གོང་གི་མནའ་མའི་གྲ་སྒྲིགས།
- ཁ་རྗེ་ར་བས་མ་ཁོག་ན། ཚེར་མའི་ར་བས་ཁོག་རབས་མེད།
- ཡང་ལྗིད་རྒྱ་མར་ཚད་མ་ཤེས། རིང་ཐུང་འདོམ་ལ་འཇལ་མ་ཤེས།
- ནམ་མཁར་མདུང་སྐོར། ས་གཞིར་རྟ་རྒྱུག
- མྱི་ཞིང་ནང་དུ་རང་གཤོལ་བཅག
- སྟེང་རྡོ་ནོན་ཆུང་ནི།འདྲ།འོག་རྡོ་འཕར་ཆེ་ནི།
- ཉལ་མི་ཤེས་རྟ་དང་འདྲ། ལངས་མི་ཤེས་བ་དང་འདྲ།
- ཁ་རོ་ལ་འཁོར་ནས་མི་ངུ་བར། གྱང་ལ་འཁོར་ལ་ངུས།
- ཡོད་དུས་རྟས་ཟ་ཟ། མེད་དུས་རྟ་དགྱེ་དགྱེ།
- ཁ་མི་གྲགས་རྒྱུ་འདི་སྐྱོན་ཞིག་ཡིན། ཟས་མི་ཟ་རྒྱུ་དེ་ནད་ཞིག་ཡིན།
- སྡུག་ཐང་ན་ཡོད་པ་ཐོད་ལ་བླངས། རོ་ས་ན་ཡོད་པ་ཕྲག་ལ་བླངས།
- ཡོད་དུས་རྟ་ཟ་མཛོ་ཟ། མེད་དུས་རྟ་སྒུག་མཛོ་སྒུག