22 Dec 2016
28 sec
Audio Overview
Creators:
Gangsol Folk Culture Preservation Project
- ཁྱོས་དངུལ་དཀར་གའུ་མགར་ཉིན་པར།།
- ཁྱོས་མགར་ནིའི་ནངས་མོ་མ་ཐོན་ཐལ།།
- ཁྱོས་མ་ཐོན་ཡི་ཆད་མ་བྱེད་ད།།
- ངས་བྱུ་རུའི་ཕྲ་རྡོ་བཟུང་ཡོད་གོ།
- ཁྱོས་གོ་ཙིའི་སུམ་ཁྲ་འདེབ་ཉིན་མོ།།
- ཁྱོས་འདེབ་ཀི་ཉིན་མོ་མ་ཐོན་ཐལ།།
- ཁྱོས་མ་ཐོན་ཡི་ཆད་མ་བྱེད་ད།།
- ངས་དུང་སྐུད་ཅ་ལ་བཟུང་ཡོད་གོ།
- ཁྱོས་མ་མོའི་བདུན་སློག་བཟོ་ཉིན་པར།།
- ཁྱོས་བཟོ་ནིའི་ཉིན་པར་མ་ཐོན་ཐལ།།
- ཁྱོས་མ་ཐོན་ཡི་ཆད་མ་བྱེད་ད།།
- གཟིག་གོང་སྐོར་སྲམ་ཆོས་བཟུང་ཡོད་གོ།