21 Dec 2016
33 sec
Audio Overview
Creators:
Gangsol Folk Culture Preservation Project
- ཁྱོའི་ཐོད་པའི་མེ་ལོང་སྟེང་གི།
- མིག་ཁྲ་ཆུང་སྐུ་གཟུགས་བདེ་ནའོ།།
- ངའི་ཕྱོགས་འ་ལྟ་རྒྱུ་མ་བརྗེད་ད།།
- རོགས་མ་བརྗེད་ནི་བོ་དེ་ཡིན་ནོ།།
- ཁའི་དུང་སོ་སུམ་ཅུའི་བར་གི།
- ལྕེ་དར་མ་སྐུ་གཟུགས་བདེ་ནའོ།།
- ང་རེ་རེ་འུར་རྒྱུ་མ་བརྗེད་ད།།
- རོགས་མ་བརྗེད་ནི་བོ་དེ་ཡིན་ནོ།།
- ཁྱོའི་དང་ག་རྒྱ་སྒོའི་ཕག་གི་འོ།།
- སྙིང་དར་མ་སྐུ་གཟུགས་བདེ་ནའོ།།
- ང་རེ་རེ་དྲན་རྒྱུ་མ་བརྗེད་ད།།
- རོགས་མ་བརྗེད་ནི་བོ་དེ་ཡིན་ནོ།།