21 Dec 2016
31 sec
Audio Overview
Creators:
Gangsol Folk Culture Preservation Project
- ཁྱོའི་ཁོག་སྟོད་གུར་ཁང་ནང་གི།
- སེམས་དམར་ཆུང་སྐུ་ཁམས་ཨི་བདེ།།
- སེམས་དམར་ཆུང་སྐུ་ཁམས་བདེ་ན།།
- ང་རེ་རེ་དྲན་རྒྱུ་མ་བརྗེད།།
- ཁྱོའི་ངོ་སྟོད་ལྷ་ཁང་ནང་གི།
- མིག་ཁྲ་ཆུང་སྐུ་ཁམས་ཨི་བདེ།།
- མིག་ཁྲ་ཆུང་སྐུ་ཁམས་བདེ་ན།།
- ང་རེ་རེ་ལྟ་རྒྱུ་མ་བརྗེད།།
- ཁའི་དུང་སོ་སུམ་ཅུའི་བར་གི།
- ལྕེ་དར་མ་སྐུ་ཁམས་ཨི་བདེ།།
- ལྕེ་དར་མ་སྐུ་ཁམས་བདེ་ན།།
- ང་རེ་རེ་གླེང་རྒྱུ་མ་བརྗེད།།