21 Dec 2016
30 sec
Audio Overview
Creators:
Gangsol Folk Culture Preservation Project
- ཁྱོད་སྒང་རི་སྒང་ག་ཡོང་དུས།།
- མགོའི་ཝ་ཞྭ་ཕུད་ད་བརྡ་རེ་རྒྱོབས།།
- ཡུལ་སྡེ་བས་ཅི་འ་(རེད་)བཟླས་ན།།
- རླུང་བསེར་བུ་ཟིག་ག་ཁག་རེ་ཞོག།
- ཁྱོད་རྐེད་རི་རྐེད་ཀི་འབུད་དུས།།
- རྐེད་ཤུབ་ཁྲ་ཕུད་ད་བརྡ་རེ་རྒྱོབས།།
- ཡུལ་སྡེ་བས་ཅི་འ་(རེད་)བཟླས་ན།།
- དགྲ་ནག་པོ་ཟིག་འ་ཁག་རེ་ཞོག།
- ཁྱོད་སྨད་དྲི(རི)སྨད་ག་ཡོང་དུས།།
- རྐང་སག་ལྷག་ཕུད་ད་བརྡ་རེ་རྒྱོབས།།
- ཡུལ་སྡེ་བས་ཅི་འ་(རེད་)བཟླས་ན།།
- ཆུ་གཙང་བོ་ཟིག་ག་ཁག་རེ་ཞོག།