27 Dec 2016
27 sec
Audio Overview
Creators:
Gangsol Folk Culture Preservation Project
- ཁྱོ་མགྱོག་འ་མ་དང་མགྱོག་འ་མ།།
- རྟ་མདོ་བ་ཨ་བསེ་གཡང་ལྷ་བོ།།
- ཁྱོ་ལྕགས་ཚན་ཚ་མོས་དཀྱོལ་གི་ད།།
- ངས་ཁྱོ་རྒྱ་ཧྲབ་སིས་མས་མངག་ནི་མིན།།
- ཁྱོ་མགྱོག་འ་མ་དང་མགྱོག་འ་མ།།
- ཟི་ལང་ཝ་དམར་མགྱོག་འ་མ།།
- ཁྱོ་སིལ་མར་རླུང་གིས་དཀྱོལ་གི་ད།།
- ངས་ཁྱོ་ཁྱ་རིང་ཨ་འབས་མངག་ནི་མིན།།
- ཁྱོ་མགྱོག་འ་མ་དང་མགྱོག་འ་མ།།
- ཕ་ཕྱུག་བོའི་ཞིས་མོ་མགོ་ཡང་མ།།
- ཁྱོ་སྡེ་ཆེན་ཤར་ལོས་དཀྱོལ་གི་ད།།
- ངས་ཁྱོ་སྔར་ཚིག་དང་མས་མངག་ནི་མིན།།