28 Dec 2016
19 sec
Audio Overview
Creators:
Gangsol Folk Culture Preservation Project
- ཁུས་མདའ་སྟོང་འདྲ་བོའི་ནང་ང་།།
- རོགས་མདའ་སྨྱུག་འདྲ་བོ་འགྱ་ཐ་རིའི་ཕག་ཏུ་སོང་བའི་དོནབོ།།
- ཁུས་མདའ་སྟོང་འདྲ་བོ་ཁུར་ཆུས་ད།།
- རོགས་མདའ་སྨྱུག་འདྲ་བོ་སྙིང་རེ་རྗེ།།
- ཐང་མེ་ལོང་འདྲ་བོའི་དཀྱིས་ཡ་བོ།།
- རོགས་མེ་ཏོག་འདྲ་བོ་འགྱ་ཐ་བོ།།
- ཐང་མེ་ལོང་འདྲ་བོ་ཁུར་ཆུས་ད།།
- རོགས་མེ་ཏོག་འདྲ་བོ་སྙིང་རེ་རྗེ།།
- སྒོ་ལྷ་དབང་ཁང་འདྲ་བོའི་ནང་ང་།།
- རོགས་ལྷ་སྐུ་འདྲ་བོ་འགྱ་ཐ་བོ།།
- སྒོ་ལྷ་དབང་འདྲ་བོ་ཁུར་ཆུས་ད།།
- རོགས་ལྷ་སྐུ་འདྲ་བོ་སྙིང་རེ་རྗེ།།